༢༠༡༡ ཟླ་བ་ ༣ ཚེས་ ༩ ཉིན་བོད་ཀྱི་སྐོར་གློག་བརྙན་ བདེན་པའི་འཐབ་རྩོད་པ་ ཞེས་པ་གཟིགས་འབུལ་ཞུ་རྒྱུ།

08 March. 2011

སྤྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་གཉིས་པ་སྲུང་བརྩི་མ་ཞུས་པའི་ཉིན་གཅིག་གི་གོང་འདི་ག་བུ་ད་པེ་སེ་རྒྱལ་སའི་ནང་མི་མང་ལ་བོད་དོན་དྲིལ་བསྒྲགས་ཆེད་ སྐར་མ་ ༥༠ ཅན་གྱི་བོད་ཀྱི་སྐོར་གློག་བརྙན་ བདེན་པའི་འཐབ་རྩོད་པ་

 ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུ་དང་། གློག་བརྙན་དེ་ནི་ལེའུ་གཉིས་པ་ཡིན། གློག་བརྙན་ལེའུ་དང་པོ་ བཙན་བྱོལ་ནང་གི་བོད་ཞེས་པ་དེ་ཡིན།

Tibet a Country in the Exile གློག་བརྙན་ལེའུ་དང་པོ་དེའི་བརྒྱུད་ཧང་ག་རི་དང་རྒྱལ་ཁབ་གཞན་ཁག་ནང་བོད་དོན་དྲིལ་བསྒྲགས་ཡག་པོ་བྱས་ཐུབ་ཡོད། གློག་བརྙན་ལེའུ་གཉིས་པ་དེའི་བརྒྱུད་བོད་དོན་དྲིལ་བསྒྲགས་ཡག་པོ་ཡོང་བའི་རེ་བ་བྱ་བཞིན་ཡོད། ཉིན་དང་པོའི་ གློག་བརྙན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་འཛམ་གླིང་མཉམ་སྦྲེལ་ལས་ཁུངས་ཀྱི་སྐྱབས་བཅོལ་ཡན་ལག་ལས་ཁུངས་ནང་ཕྱག་ལས་གནང་མཁན་སྒྲོལ་མ་ལྷ་མཛེས་དང་། བུ་ད་པེ་སེ་ནང་པའི་མཐོ་སློབ་ཀྱི་དགེ་རྒན་ཆོས་རྒྱལ་བསྟན་འཛིན་གཉིས་ཡིན། ཁོང་གཉིས་ནས་དབུ་འབྱེད་ཀྱི་མཛད་སྒོར་མི་མང་ལ་གཏམ་བཤད་དང་། བོད་ཀྱི་ད་ལྟའི་གནས་སྟངས་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་སོགས་མི་མང་ལ་གསལ་བཤད་ཞུ་རྒྱུ་རེད། ཉིན་དང་པོའི་ཉིན་མོར་གཟིགས་མོ་བ་བརྒྱ་ཕྲག་ཁ་ཤས་འབྱོར་བའི་རེ་བ་ཞུ་བཞིན་ཡོད།

གློག་བརྙན་དེའི་བཟོ་བསྐྲུན་དང་འགན་འཛིན་སྐུ་ཞབས་ ཨི་ཛིང་རོ་བརཊ་ དང་ ཡན་སོ་ཝིག་ཊོར་གཉིས་ཡིན། གློག་བརྙན་བཟོ་བསྐྲུན་པའི་འགན་འཛིན་གཉིས་པོ་ཧང་ག་རིའི་གཞུང་འབྲེལ་གསར་ཤོག་ནང་གི་ལས་བྱེད་པ་དང་། ཁོང་གཉིས་བོད་དོན་ལ་དོ་སྣང་དང་། བོད་དོན་ཐོག་དྲིལ་བསྒྲགས་གང་ཡོང་ཅི་ཡོང་བྱ་མི་ཞིག་རེད།

ཉིན་དེའི་དགོང་དྲོར་བོད་ཀྱི་སྐོར་དཔར་རིགས་འགྲེམས་སྟོན་ བཙན་བྱོལ་ནང་གི་བོད་ ཞེས་པ་དེ་འགྲེམས་སྟོན་གནང་རྒྱུ་རེད། བོད་ཀྱི་སྐོར་དཔར་རིགས་འགྲེམས་སྟོན་འདི་ནི་ཐེངས་གཉིས་པ་དེ་ཡིན། ཐེངས་དང་པོ་དེ་སྤྱི་ལོ་ ༢༠༠༩ ལོའི་ནང་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་དེའི་བརྒྱུད་མི་མང་ལ་བོད་ཀྱི་སྐོར་གོ་རྟོགས་ཡག་པོ་སྤེལ་ཐུབ་ཡོད། དཔར་རིགས་འགྲེམས་སྟོན་དེའི་དཔར་པ་སྐུ་ཞབས་ ག་ཏི་ ཀོར་ནེལ་ཡིན། ཁོང་ནི་ཧང་ག་རིའི་དཔར་པ་སྙན་གྲགས་ཆེ་བའི་གྲལ་ཞིག་ཡིན། དཔར་རིགས་ཀྱི་གྲེམས་སྟོན་ཉིན་དང་པོའི་སྐུ་མགྲོན་གཙོ་བོ་ཧང་ག་རིའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ཨེ་ཀེ་ཤེ་ཇོ་སེཕ་ མཆོག་ནས་འགྲེམས་སྟོན་གྱི་དབུ་འབྱེད་ཀྱི་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན།

བོད་རྒྱལ་ལོ་༢༡༣༨ ལྕགས་མོ་ཡོས་ལོ་དང་སྟབས་བསྟུན་འདི་ག་ཧང་ག་རིའི་རྒྱལ་ས་བུ་ད་པེ་སེ་ནང་བོད་ཀྱི་ལོ་གསར་ཚེ་གཅིག་ནས་གསུམ་བར་ཧི་མ་ལ་ཡའི་འགྲེམས་སྟོན་ཞིག་གནང་ཡོད་པ་དང་།Himalaja-expo འགྲེམས་སྟོན་གྱི་ཉིན་དང་པོར་རྒྱ་གར་གྱི་གཞུང་ཚབ་ཆེན་མོས་གསུང་བཤད་གནང་ཡོད་འདུག འགྲེམས་སྟོན་དེའི་ནང་བོད་ཀྱི་རྒྱུ་ཆ་རྙིང་པ་ཁག་དང་། མཆོད་རྟེན། བོད་ལུགས་ཀྱི་ཁང་པའི་རྒྱུ་རྩལ། ཐང་ག་ཁག་ཅིག་འགྲེམས་སྟོན་གནང་འདུག འགྲེམས་སྟོན་དེའི་ནང་ཕ་རན་སིར་གཏན་གཞི་བྱས་པའི་བོད་ཀྱི་རྒྱུ་རྩལ་ཁང་ནས་འགྲེམས་སྟོན་ནང་ཆ་ཤས་བླངས་ཡོད་པ་རེད། ཉིན་གསུམ་གྱི་འགྲེམས་སྟོན་སྐབས་མི་མང་པོ་འདུ་འཛོམས་དང་། བོད་ཀྱི་རྒྱུ་ཆ་ཁག་འཚོང་འགྲེམས་ཡང་བྱས་ཐུབ་ཡོད

 

Advertisements