བཀའ་ཁྲིའི་འོས་ཤོག  བཀའ་ཟུར་བཀྲིས་དབང་འདུས་ལགས།

ཁོང་བཀའ་ཁྲིར་འོས་ཤོས་ཡིན་པའི་རྒྱུ་མཚན།

 

ད་རིང་རང་གཞུང་དབུས་འོས་བསྡུ་ལས་ཁང་གིས་བཀའ་ཟུར་བཀྲིས་དབང་འདུས་ལགས་ཀྱི་མཚན་བཀའ་ཁྲིའི་དངོས་གཞིའི་འོས་མི་ཁོངས་སུ་གསལ་བསྒྲགས་གནང་བར་དགའ་བསུ་ཡོད།

ཁོང་གིས་ད་བར་བོད་མི་རིགས་ཀྱི་རྩ་དོན་སླད་བཙན་བྱོལ་བོད་གཞུང་ནང་དམའ་རིམ་ལས་བྱེད་ནས་མཐར་བཀའ་བློན་བར་རང་དོན་  སྤངས་ནས། དྲང་པོ་དང་ཕྱི་གསལ་ནང་གསལ།  ལྷག་བསམ་རྣམ་དག་གིས་ལོ་ངོ་བཞི་བཅུའི་རིང་ཞབས་འདེགས་ཞུས་ཡོད། ཞབས་འདེགས་ཞུས་པས་མི་མང་གིས་ཁོང་ལ་གདེང་ཚོད་དང་།  ཡིོད་ཆེས།  གཞུང་སེམས་དག་པོ་ཡོད་པ་ར་སྤྲོད་ཐུབ་ཡོད།

ཁོང་ཨིན་ཡུལ་ནས་སྲིད་དོན་ཚན་རིག་བསླབ་པ་མཐར་གསོན་པ་དང་།  ཁོང་ལ་དེང་དུས་ཀྱི་ཤེས་ཡོན་གནས་ཚད་མཐོ་པོ་ཡོད་པའི་སྟེང་སྲོལ་རྒྱུན་བོད་ཀྱི་ རིག་གནས་སོགས་ལའང་སྦྱངས་པ་ཡོད།

རྒྱལ་སྤྱིའི་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་གོ་རྟོགས་གཏིང་ཟབ།  མཐོང་རྒྱ་དང་ཐོས་རྒྱ་ཆེན་པོ། རྒྱལ་སྤྱིའི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་ཁག་དང་འབྲེལ་གཏུགས་ཀྱི་ཉམས་མྱོང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནུས་ཤུགས་དང་སྤོབས་པ་མཐོན་པོས་བོད་དོན་གླེང་ཐུབ་པའི་དབུ་འཁྲིད་ཞིག་ཡིན།

ཁོང་རྒྱུན་གཏན་ནས་དྲང་ཚུགས་ལྡན་པ།  ངོ་དགའ་ཕྱོགས་ལྷུང་མེད་པ།  སྤྱི་སེམས་ཆེ་ཞིང་༸གོང་ས་མཆོག་གི་བཀའ་དགོངས་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པ་ཚང་མར་མཁྱེན་རྟོགས་ཡོད་པས།  ང་ཚོས་ཁོང་བཀའ་ཁྲིར་བསྐོ་ན། ཁོང་གིས་ང་ཚོ་བོད་མི་རིགས་དང་བསྟན་པའི་དོན་དུ་ཞབས་འདེགས་ལྷག་བསམ་རྣམ་དག་ཞུ་རྒྱུ་ཡིན་ པ།  ང་ཚོ་ཚང་མས་བསྲེགས་བཅད་བརྡར་ཟིན་པས། ཁོང་ལ་བཀའ་ཁྲིའི་འོས་ཤོག་འཕེན་རོགས་ཞུ་རྒྱུ་ཡིན།  བུ་ད་པེཤཏ་ནང་པའི་མཐོ་སློབ་ཀྱི་ སློབ་དཔོན་ཆོས་རྒྱལ་བསྟན་འཛིན་གྱིས་སྤྱི་ལོ་ 2011 ཟླ་ 1 ཚེས་ 19  ཉིན༎

VOTE TO KASUR TASHI WANGDI

Why Kasur Tashi Wangdi for Kalon Tripa?

We are delighted to hear Kasur Wangdi’s name in 2011final Kalon Tripa candidate.

He has served the Tibetan Government in exile for over forty years on various departments from simple staff to Kalon post. During his tenure, he has proofed his sincerity and transparent service in the heart of Tibetan people. He is very familiar with Tibetan polity.

He gratuated from England in Political Sciense.  He has good knowledge of traditional fields of studies as well as modern education. He has gained tremendous experience and expertise in dealing with diplomats, head of states and people in governmental and non-government levels. He is very energetic leader and has capablities to bring out Tibet’s matter in global level. He speak with pride when topics comes on Tibet.

He is the man of very high personal integrity, humble and honest in nature.  He is highly motivated and dedicated person in fulfilling the wishes of His Holiness the Dalai Lama.

We tested and examined his service in Tibetan Governnent. So, I strongly believe he is the most suitable person for the post to Kalon Tripa to lead Tibetans in Tibet and diasporas under the leadership of His Holiness the Dalai Lama.

Lopon Choegyal Tenzin

(Lecturer)

Budapest Buddhist College, 19th January, 2011

Detail about Tashi Wangdi:visit http://www.nextkalontripa.com

https://choegyaltenzin.wordpress.com/

 

Advertisements